ཐར་ཆེན།

ཐར་ཆེན།

སྨྱུག་མིང་ངམ་དྲྭ་མིང་ལ་ཐང་དཀར་རྒོད་པོ་རུ་འབོད། ཕ་ཡུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཟངས་དཀར་འབྲོག་སྡེ་ཡིན། ཁོས་སྔ་ཕྱིར་འབར་ཁམས་མི་རིགས་དགེ་ཐོན་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་སྐད་ཡིག་དང་རྩོམ་རིག་ལ་སློབ་གཉེར་གང་ལེགས་བྱས་ཤིང་། རིམ་བཞིན་མདོ་སྨད་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་སོགས་ནས་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ལ་བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ལོ་མང་རིང་བྱས། ད་ལྟ་ཁོ་རང་ལས་གནས་སྤར་ཏེ་ཁྱུང་མཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་གསར་འགྱུར་ཅུས་ན་བོད་ཀྱི་རིག་གནས་སྒྱུ་རྩལ་སྐོར་གྱི་བྱ་བ་གཉེར་གྱིན་ཡོད།

སྤྱི་ལོ2003ལོར་རྔ་བ་ཁུལ་བཙུགས་ནས་ལོ་འཁོར40ལོན་པའི་དགའ་སྟོན་མཛད་སྒོ་རུ་བོད་སྐད་ཀྱི་མདོ་འཛིན་བྱས།

སྤྱི་ལོ་2003ལོར་༼འབྲོང་གི་ཕ་ས༽ཞེས་པའི་མིང་སྲིང་གི་གླུ་གཞས་ཟེར་སྡེར་ཐོག་མ་པར་བསྐྲུན་འགྲེམ་སྤེལ་བྱས༽

སྤྱི་ལོ་2004ལོར་༼ཕ་སྐད་སློབ་གསོ་གླེང་བའི་གཏམ༽ཞེས་པར་སྐབས་ལྔ་བའི་སློབ་གསོའི་རྩོམ་རིག་བུམ་པའི་བྱ་དགའ་ཐོབ།

སྤྱི་ལོ་2005ལོར་དཀར་མཛེས་ཁུལ་ནས་བསྡུས་པའི་ཀྲུང་གོའི་བོད་རིགས་དམངས་གླུའི་དུས་སྟོན་སྟེང་སྒྲ་སྙན་རྡུང་ལེན་འགྲན་སྡུར་ལས་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།

སྤྱི་ལོ་2005ལོར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་གཉིས་པའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།

སྤྱི་ལོ2006ལོར་༼རེབ་གོང་གསེར་མོ་ལྗོངས༽ཞེས་པའི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་ལ་ཞུགས།

སྤྱི་ལོ2008ལོར་གླུ་གཞས་ཆེད་སྒྲིག༼ཐང་དཀར་རྒོད་པོ༽པར་བསྐྲུན་འགྲེམ་སྤེལ་བྱས།

སྤྱི་ལོ2009ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་སར་དགོང་ཚོགས་སུ༼ཕ་ཡུལ་ཟངས་དཀར༽ཞེས་པའི་གླུ་དབྱངས་བླངས།

སྤྱི་ལོ2012ལོར་གྲོགས་ཁ་ཤས་དང་མཉམ་དུ་ཁྱུང་མཆུ་རྫོང་གི་དམངས་སྲོལ་རིག་གནས་མྱུར་སྐྱོབ་འཚོལ་བསྡུ་བྱས་ཏེ་དམངས་གླུ་དང་གཏམ་དཔེ་སོགས་དཔེ་དེབ་ལྔ་ལེགས་སྒྲིག་པར་བསྐྲུན་བྱས།

སྤྱི་ལོ་2015ལོར་གླུ་གཞས་ཆེད་སྒྲིག་༼ཐང་དཀར་རྒོད་པོ༽ཁག་གཉིས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

ད་ལྟ་ད་ལོར་སྤེལ་རྒྱུ་ཡིན་པའི་ཁྱུང་མཆུ་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་ལ་ཇུས་འགོད་དང་བཀོད་སྒྲིག་གི་འགན་འཁུར་བཞིན་ཡོད།

ཁོས་རྗེས་ཕྱོགས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་གླུ་གཞས་སྒྱུ་རྩལ། བོད་སྐད་མདོ་འཛིན། དམངས་རྩོམ་འཚོལ་བསྡུ་སོགས་ལ་སློབ་སྦྱོང་དང་གསར་རྩོམ། ཞིབ་འཇུག་བཅས་ཀྱི་ནུས་པ་ཅི་ཡོད་འདོན་པའི་དམ་བཅའ་བརྟན་པོ་བཞག་ཡོད།

 
®关于本站文章™ | 若非注明原创,默认 均为网友分享文章,如有侵权,请联系我们™
㊣ 本文永久链接: ཐར་ཆེན།